Posts

Showing posts from February, 2021

སྟོན་པའི་འདས་ལོ་བརྩི་ཚུལ་མི་འདྲ་བ་བཞིའི་རེའུ་མིག

    བདག་ཅག་གི་སྟོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བོད་དུ་རྩི་ཚུལ་མི་མཐུན་པ་ཉི་ཤུ་ལྷག་ཙམ་ཡོད་སྟབས་ཡིག་ཚོགས་མང་བས་ཐམས་ཅད་འགོད་མ་ནུས། འདིར་བོད་དུ་ཁ་ཆེ་པཎ་ཆེན་གྱི་ལུགས་སུ་གྲགས་པའི་སིང་ག་ལའི་གནས་བརྟན་སྡེ་བའི་ལུགས་ཀྱི་བརྩི་ཚུལ་འདི་ཁུངས་བཙན་ཤོས་སུ་མཐོང་བས་འདི་ཉིད་གཞིར་བཟུང་། དཔལ་ལྡན་ས་སྐྱ་བའི་ལུགས། ཕུག་ལུགས། ཙནྡན་ཇོ་བོའི་ལོ་རྒྱུས་ལུགས་བཅས་ཀྱི་སྟོན་པའི་འདས་ལོ་དང་། བོད་རྒྱལ་ལོ། རབ་བྱུང་། སྤྱི་ལོ་བཅས་སྦྲགས་ཏེ་རེའུ་མིག་སྟབས་བདེ་ཞིག་བཟོས་ཡོད།   ཨང་། ལུགས། རབ་བྱུང་། སྤྱི་ལོ། ༡ དཔལ་ལྡན་ས་སྐྱ་བའི་ལུགས། མེ་མོ་ཕག BC 2134 ༢ རྒྱ་ནག་གི་ཙནྡན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས། དེབ་སྔོན། སྤྱི་ལོའི་སྔོན་ 1014 ཤིང་སྟག་ལ་འཁྲུངས་ནས་ལོ་བཅུ་བཞི་ལོན། དེ་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ 1027 ནི་འཁྲུངས་ལོ་ཡིན། ལུགས་འདི་ལྟར་ན་སྟོན་པ་དགུང་ལོ་ ༨༠ བཞུགས། ཆུ་བྱ། BC 948 ༣ ཕུག་ལུགས། ལྕགས་འབྲུག BC 881 ༤ སིང་ག་ལའི་གནས་བརྟན་སྡེ་བའི་ལུགས།   ཁ...