བསྒྱུར་རྩོམ།




༄༅།།ཕྱི་ལོ་༢༠༡༧ལོའི་སེར་བྱེས་འབྲིང་རིམ་སློབ་གྲྭའི་འཛིན་གྲྭ་བཅུ་པའི་རྒྱ་གར་རྒྱལ་ཡོངས་ཡིག་ཚད་ལ་ཉེ་བས་ཡིག་བསྒྱུར་བསྐྱར་སྦྱོང་གི་བསྒྱུར་རྩོམ་ཐོར་བུ།
སློབ་ཐུན་གཅིག་གི་རིང་ཤར་མར་བྲིས།


དོན་ཚན་ལྔ་པོ་འདི་དག་ཞོགས་ལྟར་རང་ཉིད་ལ་བཤད་པར་བྱ།
༡ ང་ནི་མཆོག་ཏུ་གྱུར་བ་ཞིག་ཡིན།
༢ ངས་ཅི་ཡང་བྱེད་ནུས།
༣ དཀོན་མཆོག་ནི་ང་དང་རྟག་ཏུ་གནས།
༤ ང་ནི་རྣམ་པར་རྒྱལ་མཁན་དེ་ཡིན།
༥ དེ་རིང་ནི་ང་ཡི་ཉིན་མོ་རེད།
ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་དགེ་འདུན་གྱིས་བསྒྱུར།
 
རྒྱལ་ཁབ་ཀྱི་གཟི་བརྗིད་དང་སློབ་གསོ་ཡར་རྒྱས་ནི་རྒྱལ་ཁབ་དེའི་མི་བུ་བདག་ཉར་བྱེད་སྟངས་ལ་རག་ལས་ཡོད།







བདག་ཉིད་ཆེན་པོ་གྷན་དྷིས་གསུངས། འཛིན་གྲྭ་བཅུ་པའི་ཚེ་མཆོག་གིས་བསྒྱུར།

ཁྱེད་ཀྱིས་རང་ཉིད་ཀྱི་འབྱུང་འགྱུར་ལ་འགྱུར་བ་གཏོང་མི་ཐུབ་ཀྱང་། རང་ཉིད་ཀྱིས་གཤིས་སྤྱོད་ལ་འགྱུར་བ་ཐོངས་དང་། གཤིས་སྤྱོད་དེས་ཏན་ཏན་རང་ཉིད་ཀྱི་འབྱུང་འགྱུར་ལ་ཁ་ལོ་བསྒྱུར་ཐུབ།


ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་དགེ་འདུན་གྱིས་བསྒྱུར།

ཁྱེད་རང་གི་འབྱུང་འགྱུར་ཁྱེད་ཀྱིས་བསྒྱུར་མི་ནུས། འོན་ཀྱང་ཁྱེད་ཀྱིས་སོ་སོའི་གོམས་གཤིས་བསྒྱུར་ནུས། གོམས་གཤིས་དེ་ལ་བརྟེན་ནས་ཁྱེད་ཀྱི་འབྱུང་འགྱུར་ལ་འགྱུར་བ་ཏན་ཏན་བཟོ་ནུས།
ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་ཚེ་མཆོག་གིས་བསྒྱུར། 

ཁྱེད་ཀྱིས་རང་ཉིད་ཀྱི་ཕུགས་བསམ་བཅོས་མི་ནུས་མོད། འོན་ཀྱང་ཁྱེད་ཀྱིས་རང་ཉིད་ཀྱི་གོམས་གཤིས་བསྒྱུར་ནུས། དེར་བརྟེན་ཁྱེད་ཀྱི་གོམས་གཤིས་ཀྱིས་ཁྱེད་ཀྱི་ཕུགས་བསམ་བསྒྱུར་ནུས།

                                                                   ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་སྤྲིན་ནག་གིས་བསྒྱུར།



ཚེ་སྲོག་དང་དུས་ཚོད་གཉིས་པོ་ནི་འཇིག་རྟེན་འདིའི་སྟེང་གི་ཡང་དག་པའི་དགེ་རྒན་ཏེ།  ཚེ་སྲོག་གིས་དུས་ཚོད་ལེགས་སྤྱོད་དུ་འཁྲིད་པ་དང་།  དུས་ཚོད་ཀྱིས་ང་ཚོའི་ཚེ་སྲོག་གི་རིན་ཐང་རྟོགས་པར་བྱེད།





ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་དགེ་འདུན་གྱིས་བསྒྱུར།





མི་ཚེ་དང་དུས་ཚོད་ནི་འཇིག་རྟེན་འདིར་དགེ་རྒན་ཡག་ཤོས་དེ་ཡིན། མི་ཚེ་ཡིས་དུས་ཚོད་བེད་སྤྱོད་གཏོང་སྟངས་བསླབ་པ་དང་། དུས་ཚོད་ཀྱིས་མི་ཚེའི་རིན་ཐང་ཆེ་ཆུང་ཇི་ཙམ་ཡིན་མིན་བསླབ་བོ།

ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་ཚེ་མཆོག་གིས་བསྒྱུར།


གལ་ཏེ་ཁྱེད་ཉིད་གྲུབ་འབྲས་དང་ལྡན་པའམ་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་དགོས་ཚེ། བཅོས་སུ་བྱེད་པའི་སྨན་ཡག་ཤོས་ནི་གདེང་ཚད་དང་འབད་བརྩོན་མ་ཤོར་བར་བྱ་རྒྱུ་དེ་ཡིན།
ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་ལྷག་པ་རྡོ་རྗེས་བསྒྱུར།


གདེང་ཚད་དང་བརྩོན་འགྲུས་ནི་ཕམ་ཉེས་ཀྱི་ན་ཚ་དེ་བཅོས་པའི་སྨན་ཡག་ཤོས་དེ་ཡིན། དེས་ཁྱེད་རང་གྲུབ་འབྲས་ལྡན་པའི་མི་ཞིག་བསྐྲུན་ནུས།
ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུའི་པ་ཚེ་མཆོག་གིས་བསྒྱུར།

གདེང་ཚད་དང་ཡིད་ཆེས་ནི་ཕམ་ཁ་ལས་གྲོལ་བའི་སྨན་ཞིག་དང་མཚུངས། དེ་ནི་རྒྱལ་ཁའི་ལམ་ཕྱོགས་ཞིག་ཀྱང་ཡིན།

ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་སློབ་མ་བསྟན་དབྱངས་ཀྱིས་བསྒྱུར།




རྨི་ལམ་ནི་ཁྱེད་རང་གཉིད་ཉལ་བའི་སྐབས་ཀྱི་རྨིས་པ་དེ་མིན་པར། རྨི་ལམ་དངོས་ནི་དམིགས་ཡུལ་དང་མདུན་ལམ་ལ་གོ་བས་ཉིན་གཅིག་གི་དམིགས་ཡུལ་དང་མ་ཉལ་གོང་གི་བསམ་བློའི་སྐད་ཆ་ལ་རྨི་ལམ་ཟེར།




ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུའི་པ་ལྷག་པ་རྡོ་རྗེས་བསྒྱུར།

རྨི་ལམ་ཞེས་པ་ནི་རང་ཉིད་ཀྱི་གཉིད་ཁུག་པའི་གནས་སྐབས་སུ་རྨིས་པའི་རྨི་ལམ་དེ་མ་ཡིན་ལ། དེ་ནི་རང་ཉིད་གཉིད་ཁུག་མ་བཅུག་པའི་བྱ་བཞག་གམ་དངོས་པོ་དེ་ཡིན།
ཨབ་དྷུལ་ཀ་ལམ་གྱིས་གསུངས།འཛིན་གྲྭ་བཅུ་པའི་ཚ་བའི་དམིགས་བུས་བསྒྱུར།

རྨི་ལམ་ངོ་མ་ནི་ཉལ་བའི་སྐབས་ཀྱི་རྨི་ལམ་དེ་མིན་པར།  རྨི་ལམ་གྱིས་ཉལ་མ་བཅུག་པ་དེ་རྨི་ལམ་ཡིན།
ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་ཐུབ་བསྟན་ནོར་བུས་བསྒྱུར།





གལ་ཏེ་བདག་ལ་བཅོས་མིན་གྱི་བརྩེ་བ་ཡོད་ན། བདག་ཤི་བའི་ཉིན་མོ་གུང་སེང་གི་དུས་ཚོད་བཞག་པ་ལས། དེའི་ཚབ་ཏུ་ཉིན་གཅིག་ལས་ཀ་འཐོལ་པ་བྱེད་རོགས།




ཨབ་དྷུལ་ཀ་ལམ་གྱིས་གསུངས།འཛིན་གྲྭ་བཅུ་པའི་ཚ་བའི་དམིགས་བུས་བསྒྱུར།










འདབ་ཆགས་རྣམས་ཆར་དུས་སུ་བྱ་ཚང་དུ་བསྐྱོད་ཀྱང་། བྱ་རྒོད་ནི་སྤྲིན་གྱི་རྒྱ་ལས་བརྒལ་བའི་ཆར་གཡོལ་དུ་འཕུར། དེས་ན་དཀའ་སྡུག་ནི་འདྲ་མཉམ་ཡིན་ཡང་བསམ་བློའི་ཁྱད་པར་ཙམ་དུ་གྱུར།

ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་དགེ་འདུན་གྱིས་བསྒྱུར།

ཆར་དུས་སུ་བྱ་བྱེའུ་རྣམས་བྱ་ཚང་ནང་དུ་ཡིབ་ཀྱང་བྱ་རྒོད་ནི་སྤྲིན་པའི་གསེང་ནས་འཕུར། དེ་བཞིན་དཀའ་རྙོག་རྣམས་གཅིག་པ་ཡིན་ཡང་ཁྱད་པར་ནི་སེམས་ཀྱིས་བཟོས།
ཨབ་དྷུལ་ཀ་ལམ་གྱིས་གསུངས། འཛིན་གྲྭ་བཅུ་པའི་ལྷ་མོ་བཀྲ་ཤིས་ཁུལ་གྱིས་བསྒྱུར།



འཛམ་གླིང་འདིར་ཀུན་གྱི་དགོས་མཁོ་དང་མཐུན་པའི་དངོས་པོ་ཡོད་ཀྱང་། ཐམས་ཅད་ཀྱི་འདོད་པ་ཁེངས་པ་མེད།




བདག་ཉིད་ཆེན་པོ་གྷན་དྷིས་གསུངས།འཛིན་གྲྭ་བཅུ་པའི་ཚེ་མཆོག་གིས་བསྒྱུར།



འཇིག་རྟེན་རང་བྱུང་ཁམས་ཀྱིས་མིའི་དགོས་མཁོ་ཐམས་ཅད་འདོད་པ་ཁེངས་པ་ཞིག་བསྐྲུན་ནུས་མོད། འོན་ཀྱང་མི་སུ་ཞིག་གི་འདོད་རྔམས་དེ་སྐོང་མི་ནུས།
 
བདག་ཉིད་ཆེན་པོ་གྷན་དྷིས་གསུངས། འཛིན་གྲྭ་བཅུ་པའི་ཚ་བའི་དམིགས་བུས་བསྒྱུར།


 


Comments

Popular posts from this blog

རྒྱ་གར་ནང་གི་གནས་ཆེན་ཁག

སྟོན་པའི་འདས་ལོ་བརྩི་ཚུལ་མི་འདྲ་བ་བཞིའི་རེའུ་མིག

རྒྱུན་ཤེས།