རྒྱ་གར་ནང་གི་གནས་ཆེན་ཁག
༡ ལུམྦིའི་ཚལ།
འདི་ནི་སངས་རྒྱས་སྐུ་འཁྲུངས་པའི་གནས་ཡིན། མཉན་ཡོད་རྒྱལ་བྱེད་ཚལ་ནས་ཤར་ཕྱོགས་སུ་ལེ་དབར་བདུན་བརྒྱ་སོང་བ་ན་གྲོང་ཁྱེར་སེར་སྐྱ་ཞེས་བཅོམ་ལྡན་འདས་ཀྱི་ཡབ་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་གི་ཤུལ་དང། གྲོང་སྟོང་བཅུ་ལྷག་ལྷ་ཁང་གོག་པོ་མང་པོ་ཡོད། ཕོ་བྲང་ཡོད་ས་དེའི་ཤར་ཕྱོགས་ལེ་དབར་བརྒྱ་ཙམ་ན་ལུམྦིའི་ཚལ་གྱི་ལྷ་ཁང་ད་དུང་ཡོད་ཅེས་རྒྱ་ཡི་སློབ་དཔོན་ཆེན་པོ་ཐང་ཚན་ཙང་གི་རྒྱ་གར་གྱི་ལམ་ཡིག་ཏུ་འཁོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་《རྒྱ་གར་གནས་ཡིག་》ལས། རྒྱ་གར་བྱང་ཕྱོགས་བལ་ཡུལ་དང་ཐག་ཉེ་བའི་གནས་དེང་སང་མིང་ལ་ཏུ་མན་དེ་ཞེས་འབོད་པ་དེ་ཡིན་པ་དང། གནས་དེར་སངས་རྒྱས་ཀྱི་ཡུམ་སྒྱུ་འཕྲུལ་མའི་སྐུ་བརྙན་དང། རྒྱལ་པོ་མྱ་ངན་མེད་ཀྱི་རྡོ་རིང་རྒྱལ་པོ་ཁྲི་ལོ་ཉེར་གཅིག་པ་ལ་ཕྱོགས་དེར་སླེབས་ནས་ཕྱོགས་འདིར་སངས་རྒྱས་འཁྲུངས་སོ་ཞེས་རྡོ་རིང་བསླངས་པ་ཡིན་ཟེར་བའི་རྡོ་རིང་ཡི་གེ་ཅན་ཞིག་ཡོད་ཅེས་གསལ། དེང་སང་གནས་འདིའི་ཉེ་འཁོར་དུ་དཔལ་ས་སྐྱ་བའི་དགོན་སྡེ་དང་།
ཀོ་རི་ཡ། འབར་མ་སོགས་ནང་པའི་ལྷ་ཁང་དང་དགོན་སྡེ་མང་པོ་བཞུགས། དེང་ལུམྦི་ནི་མིང་ལ་རུ་མན་དེ་Rummindai ཟེར། ལུམྦི་ནི་ནས་གྲོང་ཁྱེར་སེར་སྐྱའམ་ཀ་པིལ་བསྟུ་བར་ཀི་ལོ་མི་ཊར་༢༧༢བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ནས་ལུམྦི་ནི་བར་ཀི་ལོ་མི་ཊར༣༠༠༣རྒྱ་གར་མངའ་སྡེ་ཨུ་ཏར་པར་དེཤ་རྫོང་གྷོ་རཀ་པུར་ནས་ཀི་ལོ་མི་ཊར་༡༢༢༤རྫོང་ནོ་ཏན་བ་ནས་ཀི་ལོ་མི་ཊར་༡༤ཙམ་ཡོད་པར་བཤད།
༢ ཝཱ་རཱ་ཎ་སཱི། वाराणसी
བཅོམ་ལྡན་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་རྗེས་སུ་རྒྱ་གར་གྲོང་ཁྱེར་ཆེན་པོ་དྲུག་གི་ནང་ཚན་ཝྭ་རཱ་ཎ་སི་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་སུ་བྱོན་ནས་ཆུ་སྟོད་ཟླ་བའི་ཚེས་བཞིར་འཁོར་ལྔ་སྡེ་བཟང་པོ་སྟེ།
ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་ཌི་ན་ཡ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཅས་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་གནས་ནི་འདི་ཉིད་ཡིན་ལ། ལྷོ་ངོས་ལམ་ཟུར་གྱི་མཆོད་རྟེན་ཞིག་པོ་འདི་ལ་ཙོ་ཀན་ཊིའི་མཆོད་རྟེན་ཟེར་ལ་འཁོར་ལྔ་སྡེས་སྟོན་པ་དང་པོར་མཇལ་བའི་གནས་ཡིན་ཞིང་རྩེའི་ཁང་བུ་དེ་ནི་ཁ་ཆེ་ཀླ་ཀློས་བརྩིགས་པ།
དུས་རབས་ལྔ་པའི་ནང་ལའང་དགེ་སློང་དང་དགེ་སློང་མ་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ནས་ཆོས་འཆད་ཉན་མཛད་བཞིན་བཞུགས་པའི་ལོ་རྒྱུས་ཡོད།
དེ་དང་ཉེ་བ་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ཆག་གྲུམ་ཞིག་ཡོད་ལ་འདིའི་སྟེང་གི་ཡི་གེ་རྣམས་ལོ་ངོ་ཉིས་སྟོང་ལྷག་པའི་སྔོན་གྱི་རྒྱ་གར་ཡི་གེ་ཡིན།
དེའི་ཚུར་ངོས་སུ་རྡོ་ཡི་མཆོད་རྟེན་ཤིན་ཏུ་ཆེན་པོ་ཞིག་ཡོད་པ་དེ་དྷརྨེ་ཀ་མཆོད་རྟེན་བྱ་བ་ཡིན་ཞིང་གུཔྟའི་རྒྱལ་བརྒྱུད་ཀྱི་སྐབས་སུ་བཞེངས་བར་བཤད།
ལྷོ་ཕྱོགས་སིངྒ་ལའི་གླིང་ནས་དགེ་བསྙེན་དྷ་རྨ་པཱ་ལ་ཆོས་ཚོགས་བཙུགས་པ་དང་སིངྒ་ལའི་གླིང་ནས་འདུལ་ཆོག་སྡེ་གསུམ་ཚང་བའི་དགེ་འདུན་སྤྱན་དྲངས་ཏེ་སླར་ཡང་བསྟན་པ་ཕྱི་དར་གྱི་འགོ་བརྩམས། བདག་ཉིད་ཆེན་པོ་འདིའི་ཐུགས་བསྐྱེད་བཟང་པོ་རྗེས་དྲན་གྱི་རྟེན་དུ་རྡོ་ཀ་མ་རུ་པ་ལས་གྲུབ་པའི་འདྲ་སྐུ་མི་ཚད་མ་འདི་དྲི་གཙང་གི་མདུན་ངོས་ལྡུམ་རའི་ནང་དུ་ཡོད། དགེ་བསྙེན་དྷ་རམ་པཱ་ལས་བཞེངས་པ་མུལ་གན་དྷ་ཀུར་ཊིའི་གཙུག་ལག་ཁང་འདིར་བཅོམ་ལྡན་འདས་ཀྱི་སྐུ་རུས་ཚན་པ་གཉིས་ཡོད་པ་དང་གཅིག་ནི་རྡོ་འཇོག་ཡུལ་གྱི་མཆོད་རྟེན་རྙིང་པ་ཞིག་ལས་ཐོབ་ཅིང་གཅིག་ཤོས་ནི་ལྷོ་ཕྱོགས་དཔལ་གྱི་རི་ནས་རིན་པོ་ཆེའི་གའུ་རྡོ་སྒྲོམ་དུ་བཅུགས་པ་ལས་རྙེད་ཅིང་རྡོ་སྒྲོམ་གྱི་ཕྱི་ལ་སངས་རྒྱས་ཀྱི་སྐུ་རུས་ཡིན་པའི་ཡི་གེ་ལོ་སྟོང་སྔོན་དུ་བཏབས་པ་བཅས་ཡོད།
སྐུ་རུས་འདི་གཙུག་ལག་ཁང་འདིའི་ནང་དུ་བཞུགས་ཤིང་ལོ་རེ་བཞིན་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཟླ་བ་ཉ་གང་བ་ན་ཕྱི་རོལ་དུ་སྤྱན་དྲངས་ཏེ་དངོས་མཇལ་གྱི་སྐལ་བ་མྱོང་ཐུབ།
ད་དུང་ཕྱོགས་ཀྱི་གནས་སྐོར་བ་རྣམས་སྡོད་སའི་མགྲོན་ཁང་སིངྒ་ལ་དང་མ་ཡི་མའི་བཞེངས་བ་དང་།
གཞན་ཡང་གསར་དུ་བཞེངས་པའི་བོད་ཀྱི་དགོན་སྡེ་ཁག་དང་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོ་སོགས་རིས་མེད་ཆོས་བརྒྱུད་ཡོངས་ཀྱི་སློབ་གཉེར་བ་རྣམས་ཀྱིས་ཕྱི་ནང་རིག་གནས་ཀུན་ལ་སྦྱང་བརྩོན་བྱེད་བཞིན་པའི་བསྟི་གནས་ཤིག་ཀྱང་ཡོད།
ཆུ་མོ་གངྒའི་ཉེ་འགྲམ་གྱི་གྲོང་ཁྱེར་གོ་ཐོ་ལི་ཡ་ནང་ལྷ་དབང་ཕྱུག་ཆེན་པོའི་གསེར་གྱི་ལིངྐ་དེ་བདེ་མཆོག་གི་གནས་གཅིག་ཡིན་པ་ངོས་འཛིན་བྱེད་པ།
ཝཱ་རཱ་ཎ་སི་རི་ལི་བབས་ཚུགས་ནས་ས་ར་ན་ཐ་བར་ཀི་ལོ་མི་ཊར་༡༠ ཡོད།
༣.ཡངས་པ་ཅན། Vaishali བཻ་ཤྱ་ལི། ཡངས་པ་ཅན་ནི།
སྟོན་པ་ཐུགས་རྗེ་ཅན་གྱིས་མདོ་སྡེ་དགོངས་འབྲེལ་ལ་སོགས་པའི་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ་འཁོར་ལོ་མཐའ་མ་བསྐོར་བའི་གནས་ཡིན་ལ། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ཏེ་གནས་བརྟན་གྲགས་པ་ལ་སོགས་དགྲ་བཅོམ་པ་བདུན་བརྒྱས་བཀའ་བསྡུ་གཉིས་པ་ཡང་གནས་འདིར་མཛད། མངའ་སྡེ་བི་ཧར་རྒྱལ་ས་པ་ཊ་ན་ནས་ཡངས་པ་ཅན་བར་ཀི་ལོ་མི་ཊར་ ༤༠ ཙམ་ཡོད།
༤.བྱ་རྒོད་ཕུང་པོའི་རི་དང་རྒྱལ་པོའི་ཁབ། राजगीर རཱཛ་གཱིར། राजगृह
རྒྱལ་པོའི་ཁབ་ནི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་ནང་ཚན་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་ཆགས་ཤུལ་ཡིན་པ་དང། རྒྱལ་པོའི་ཁབ་ཀྱི་བྱང་ངོས་སུ་གི་ཛ་ཀུ་ཊི་ཟེར་བའི་རི་ཞིག་ཡོད་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བའི་གནས་བྱ་རྒོད་ཕུང་པོ་རི་ཡོད་ལ།
དེ་ཡང་བཅོམ་ལྡན་འདས་ཀྱིས་ལྔ་སྡེ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་རྗེས་སུ་བྱ་རྒོད་ཕུང་པོའི་རི་ལ་ཕེབས་ནས། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དེ་བཞིན་ལྷ་དང་མི་སོགས་གྲངས་ལས་འདས་པ་དག་ལ་ཆོས་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ཞིང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཆོས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའམ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་བ་ཡིན་ལ།
འདིར་བཅོམ་ལྡན་འདས་ཀྱི་བཞུགས་ཁྲི་དང་བྱང་སེམས་དང་ཉན་རང་སོགས་གྲུབ་པ་ཐོབ་པ་དག་རང་ལུས་བྱ་རྒོད་ཀྱི་གཟུགས་སུ་བྱས་ནས་ཕེབས་ཏེ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསན་པའི་ཤུལ་སོགས་མཇལ་རྒྱུ་ཡོད། འདིའི་གཡས་ཕྱོགས་ཀྱི་རི་རྩེར་དད་ལྡན་བསོད་ནམས་གསོག་པའི་རྟེན་གཞིར་ཉི་ཧོང་གིས་བཞེངས་པའི་ལྷ་ཁང་དང་ཕྱོགས་བཞིར་བཅོམ་ལྡན་འདས་ཀྱི་མཛད་པ་བཞིའི་སྐུ་བརྙན་ཅན་གྱི་མཆོད་རྟེན་ཆེན་པོ་ཞིག་ཀྱང་ཡོད།
རྒྱལ་དབང་ཐམས་ཅན་མཁྱེན་པ་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་གིས་ཀྱང་བྱ་རྒོད་ཕུང་པོ་རི་བོ་འདི་ཐ་མལ་བའི་ས་རྡོ་རི་བྲག་ལས་གྲུབ་པ་མ་ཡིན་པར་ལཉྫའི་པོ་ཏི་སྤུངས་པ་འབའ་ཞིག་ཏུ་གཟིགས་པར་གྲགས།
བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོ་རི་འདིར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་པ་དང་དུས་མཉམ་དུ་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་དུས་ཀྱི་འཁོར་ལོ་གསུངས་པ་ཡིན་པས་འབྲས་སྤུངས་མཆོད་རྟེན་གྱི་ཤུལ་དེང་སང་མཇལ་དུ་ཡོད། འདིའི་ཉེ་འདབས་སུ་ལྷོ་ཕྱོགས་དཔལ་ཀྱི་རི་བོ་ཡོད་ལ་འདི་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞུགས་གནས་ཀྱང་ཡིན།
རྡོ་རྗེ་གདན་ནས་བྱ་རྒོད་ཕུང་པོ་རི་བར་ཀི་ལོ་མ་ཊར་༧༨ ཙམ་ཡོད། བྱ་རྒོད་ཕུང་པོ་རི་ནས་ནཱ་ལནྡཱ་བར་ཀི་ལོ་མི་ཊར་༡༢ཙམ་ཡོད། བི་ཧར་ཤ་རི་ཕ་ནས་བྱ་རྒོད་ཕུང་པ་རི་བར་ཀི་ལོ་མི་ཊར་༢༥ཙམ་ཡོད།
༥.མཉན་ཡོད། (ཤྲཱ་ཝ་སྟཱི) shravasti
མཉན་ཡོད་ནི་བདག་ཅག་གི་སྟོན་པས་མུ་སྟེགས་པ་དང་ཆོ་འཕྲུལ་འགྲན་པའི་གནས་ཡིན།
འདིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་ཤུལ་ཡོད་ཅིང་།
དེར་སངས་རྒྱས་རང་ཉིད་བཞུགས་སའི་གཙུག་ལག་ཁང་སྟེ། རཱ་ཛ་ཀུ་ཊི། ཀཽ་སམྤའི་ཀུཊི། ཀ་ཀེ་རི་ཀུ་ཊི།
གན་དྷ་ཀུ་ཊི་བཞི་ཀའི་ཤུལ་ཡོད་ཅིང་། གན་དྷ་ཀུ་ཊི་ནི་སྟོན་པ་བཞུགས་སའི་གཟིམ་སྤྱིལ་གཙོ་བོ་ཡིན་ཞིང་།
སྤྱིར་མཉན་ཡོད་ནི་སྟོན་པའི་བཞུགས་གནས་ཀུན་གྱི་ནང་ནས་གཙོ་བོ་ཡིན་ལ། རྒྱལ་བྱེད་ཚལ་རང་ལ་དབྱར་ཉི་ཤུ་དང་རི་དྭགས་འཛིན་མའི་ཤར་གྱི་ཀུན་དགའ་ར་བར་དབྱར་ལྔ་སྟེ་ཁྱོན་བསྡོམས་ལོ་ཉི་ཤུ་རྩ་ལྔ་བཞུགས།
མཆོག་ཟུང་གཉིས། ལྔ་སྡེ། གནས་བརྟན་བཅུ་དྲུག
འོད་སྲུང་།འཆར་ཀ་སོགས་སྟོན་པའི་འཁོར་གྱི་གཙོ་བོ་ཉན་ཐོས་ཆེན་པོ་བརྒྱད་ཅུ་ཞེས་གྲགས་པ་དེ་ཀུན་ཀྱང་ཕལ་ཆེར་གནས་འདིར་ཡུན་རིང་བཞུགས་པ་ཤ་སྟག་ཡིན།
སངས་རྒྱས་ཀྱིས་ཆོ་འཕྲུལ་ཆེན་མོ་བསྟན་ནས་མུ་སྟེགས་པ་ཕམ་པ་མཛད་པའི་གནས་ཀྱང་ཡིན། མངའ་སྡེ་ཨུ་ཏར་པར་དེཤ་རྒྱལ་ས་ནས་མཉན་ཡོད་བར་ཀི་ལོ་མི་ཊར་ ༡༧༠༢
ཡོད། རི་ལི་བབས་ཚུགས་བལ་རམ་པུར་ནས་ཀི་ལོ་མི་ཊར་༡༧ དང་། གྲོང་ཁྱེར་གོན་ཊ་རི་ལི་བབས་ཚུགས་ནས་མཉན་ཡོད་བར་ཀི་ལོ་མི་ཊར་ ༥༠ ཡོད།
གནས་མཆོག་རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཡིན་ལ་དེ་ཡང་གན་དྷོ་ལ་མཆོད་རྟེན་འདི་ཐོག་མར་བྲམ་ཟེ་ཛ་སའི་བུ་ཐ་ཆུང་བྲམ་ཟེ་དགེ་བ་ཞེས་པས་བཞེངས་པ་བཤད་ལ།
རྗེས་སུ་མ་ག་དྷའི་ཁྱིམ་བདག་འཆི་མེད་བྱ་བ་དང་རྒྱ་གར་གཞུང་བཅས་ནས་ཀྱང་ཞིག་གསོ་བགྱིས་ཡོད།
དབུས་ཀྱི་གན་དྷོ་ལའི་རྩེའི་མཆོད་རྟེན་ཆུང་ངུ་དེ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་ཤིང་ནང་དུ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་བྲེ་གང་བཞུགས་ཡོད། ལྷ་ཁང་སྟེང་འོག་གཉིས་ཡོད་པའི་སྟེང་མ་དེའི་ནང་དུ་རང་རེའི་ལྷ་སའི་ཇོ་བོ་སྔོན་བཞུགས་པར་གྲགས།
བསྐོར་ལམ་གྱི་རྡོའི་དྲྭ་མིག་འདི་དག་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱིས་བཞེངས།
ད་དུང་འདིར་ཏཱ་རཱ་སྒྲོལ་མའི་ལྷ་ཁང་ཡོད་ལ་ལྷ་ཁང་འདིར་རྡོ་ཡི་ལྷ་མོ་རང་བྱོན་གསུང་འབྱོན་བཞིན་ཞལ་ནང་དུ་བསྒྱུར་བས་ཞལ་འགྱུར་ཏཱ་རཱ་ཞེས་གྲགས་པ་དེ་དང་ཉེ་ཐོས་ཀྱི་སྟོན་པ་ཆུ་ལས་སྒྲོལ་བས་ཆུ་ཀླུང་སྒྲོལ་བས་ཧ་ཧ་ཏཱ་རཱ་ཞེས་བྱིན་རླབས་ཤིན་ཏུ་ཆེ་བ་ཡོད།
གཞུང་གཞན་ཞིག་ན་མཆོད་རྟེན་ཆེན་མོ་གན་དྷོ་ལ་རྒྱ་གར་གྱི་མཁས་པ་མཐོ་བཙུན་གྲུབ་རྗེས་བཞེངས་པ་དང་འགའ་རེ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པ་སོགས་བཤད་སྲོལ་འདྲ་མིན་ཡོད། སྔར་པ་ལི་སྐད་དོད་ལ་རྡོ་རྗེ་གདན་ལ་ཨུ་རུ་བེ་ལ་དང་ལེགས་སྦྱར་སྐད་དོད་ལ་ཨུ་རུ་བི་ཝ་ཟེར།
ག་ཡ་རི་ལི་བབས་ཚུགས་ནས་བོ་དྷ་ག་ཡ་བར་ཀི་ལོ་མི་ཊར་༡༦ ཡོད།
༦.གནས་མཆོག་རྡོ་རྗེ་གདན།
बोधगया
གནས་མཆོག་རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཡིན་ལ་དེ་ཡང་གན་དྷོ་ལ་མཆོད་རྟེན་འདི་ཐོག་མར་བྲམ་ཟེ་ཛ་སའི་བུ་ཐ་ཆུང་བྲམ་ཟེ་དགེ་བ་ཞེས་པས་བཞེངས་པ་བཤད་ལ།
རྗེས་སུ་མ་ག་དྷའི་ཁྱིམ་བདག་འཆི་མེད་བྱ་བ་དང་རྒྱ་གར་གཞུང་བཅས་ནས་ཀྱང་ཞིག་གསོ་བགྱིས་ཡོད།
དབུས་ཀྱི་གན་དྷོ་ལའི་རྩེའི་མཆོད་རྟེན་ཆུང་ངུ་དེ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་ཤིང་ནང་དུ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་བྲེ་གང་བཞུགས་ཡོད། ལྷ་ཁང་སྟེང་འོག་གཉིས་ཡོད་པའི་སྟེང་མ་དེའི་ནང་དུ་རང་རེའི་ལྷ་སའི་ཇོ་བོ་སྔོན་བཞུགས་པར་གྲགས།
བསྐོར་ལམ་གྱི་རྡོའི་དྲྭ་མིག་འདི་དག་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱིས་བཞེངས།
ཀ་བ་དེ་དག་གི་སྟེང་ན་མགོན་པོའི་ཞལ་བརྒྱད་དང་། སྒྲོལ་མའི་ཞལ་བརྒྱད་ཡོད་པ་མི་གཅིག་གིས་དེ་ཐམས་ཅད་མཐོང་ན་
དངོས་གྲུབ་སྣ་རེ་ཐོབ་ཟེར།
དེ་དག་ནི་པད་ཀོར་གྱི་དཀྱིལ་ན་མིའི་གདོང་ལྷ་བུ་ཡོད་པ་དེ་རྣམས་ཡིན། སྟོན་པ་སངས་རྒྱས་ནས་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཤིང་ལ་སྤྱན་མི་འཛུམ་པར་བཞུགས་པའི་སྐུ་བརྙན་ནི་བྱང་ཆུབ་ཤིང་གི་ཐད་ཀྱི་མཆོད་རྟེན་ངོས་ན་བཞུགས་པ་དེ་ཡིན།
བདུན་གཉིས་པར་དང་པོ་བཞེངས་པའི་ཤུལ་དུ་ཞབས་རྗེས་ཆ་གཅིག་དེ་ནས་གོམ་པ་འདོར་བའི་ཤུལ་ཞབས་གཡས་གཡོན་ཡ་སྤེལ་བ་ལྔ།
སླར་ཡང་ཡུད་ཙམ་བཞེངས་སར་ཞབས་རྗེས་ཆ་གཅིག་བཅས་རྡོ་བདུན་གྱི་སྟེང་དུ་ཡོད་པ་ལས།
དེང་སང་ཡ་གཉིས་དང་ཆ་གཅིག་སྟེ་གསུམ་ཙམ་ཡོད། དེ་ནས་ཞབས་འཆག་པའི་ཤུལ་བསྐོར་ལམ་བྱང་གི་སྟེགས་རིང་པོའི་སྟེང་ན་པདྨའི་ཕྲེང་བ་བཅུ་གཉིས་ཡོད།
བྱང་ངོས་དྲྭ་མིག་གི་ཕྱི་རོལ་ཏུ་མཆོད་རྟེན་ཆུང་ངུ་བུ་ག་ཡོད་པ་དེ་དག་གི་ནང་ན་དགྲ་བཅོམ་པ་མང་པོའི་གདུང་བཞུགས་ཤིང་སྐྲ་སེན་སོགས་དེར་འཕང་ན་ངན་སོང་གི་སྐྱེ་སྒོ་ཁེགས་པར་བཤད། མཆོད་རྟེན་གྱི་ཤར་ཕྱོགས་ར་བའི་འདབས་ན་དབུས་མ་དང་དབྱིབས་འདྲ་བའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་དེ་སྟོན་པ་དང་པོར་བྱོན་སྐབས་དེར་བཞུགས་ཏེ་ཞལ་ནས་འོད་ཟེར་སྤྲོས་ཏེ་བྱང་ཆུབ་ཤིང་དངོས་མིན་པ་གཞན་རྣམས་བསྲེགས་པའི་གནས་ཡིན། དེ་ལ་འོད་ཟེར་འཕྲོ་བའི་གན་དྷོ་ལ་ཟེར།
དེ་ལྟར་ཤིང་ཚིག་པ་རྣམས་ཀྱི་སོལ་བ་སྤུངས་པའི་སར་ཨ་ཀར་བྷོ་དྷི་བྱ་བའི་བྱང་ཆུབ་ཤིང་ཞིག་སྐྱེས་པ་ད་ལྟ་བྱང་ངོས་སྐོར་ལམ་གྱི་ཕྱི་ན་ཡོད་པ་དེ་ཡིན།
ཤིང་དེའི་རྩར་ར་ས་ཀུ་ལའི་ཁྲོན་པ་ཡོད། དེའི་ཆུ་སྟོན་པས་རྫུ་འཕྲུལ་གྱིས་དངུལ་ཆུར་བྱིན་གྱིས་རླབས་པས་འཐུང་ན་ཕོ་ནད་དྲག་ཟེར།
ཁྲོན་པ་མ་བྲུས་ཀྱང་ཁ་ཁྱེར་གསལ་བར་ཡོད། དབུས་མའི་ལྷོ་ངོས་ས་སྟེགས་ཤིན་ཏུ་ཡངས་པ་ཞིག་ཡོད་ས་དེར་སྟོན་པའི་བཞུགས་གདན་གྱི་རྩྭ་རྣམས་བོར།
དེར་སྔོན་མཆོད་རྟེན་དབུས་ཀྱི་འདི་དང་འདྲ་བའི་ཆེན་པོ་ཞིག་ཡོད་པ་ཡིན། རྭ་བའི་ཤར་གྱི་དུར་ཁྲོད་ནང་གི་དཀྱིལ་འཁོར་དེ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་རྡོ་ལ་བཞེངས་པའི་དུས་འཁོར་བློས་བསླངས་རྡོ་རྗེ་གདན་དུ་ཡོད་ཅེས་རང་རེའི་ལོ་རྒྱུས་འགའ་ལས་བྱུང་བ་དེ་ཡིན་ནམ་སྙམ། མཆོད་རྟེན་གྱི་ལྷ་ཁང་འོག་མའི་ནང་རྟེན་བཅོམ་ལྡན་འདས་ཀྱི་སྐུ་བརྙན་འདི་ནི་རྗེ་བཙུན་སྒྲོལ་མའི་སྤྲུལ་པར་གྲགས་པ་བྲམ་ཟེ་མོ་ཛ་སའི་བུ་ཐ་ཆུང་བྲམ་ཟེ་དགེ་བ་ལ་ལུང་བསྟན་བྱུང་བ་བཞིན་རྒྱུ་གསེར་ལ་སོགས་པ་རིན་པོ་ཆེ་གཅིག་དང་ག་བུར་སོགས་དྲི་བཟང་ཆ་གཅིག་ཙནྡན་གྱི་ལྡེ་གུ་ཆ་གཅིག་བཅས་རྒྱུ་འདི་དག་ལས་རང་བྱུང་གིས་གྲུབ་པ་སྟེ་ཁྱད་པར་གསུམ་མ་གཏོགས་སངས་རྒྱས་དངོས་དང་འདྲ་བ་ཡིན་ལ་བྲམ་ཟེ་མོས་མར་གད་ཕུལ་བ་དག་སྐུའི་སྤྱན་དང་སྨིན་མཚམས་སུ་བརྒྱན་པས་སྤྱན་དང་མཛོད་སྤུ་བྱུང་ནས་ནོར་བུ་དེ་ལས་འོད་ཆེན་པོ་འཕྲོས་བས་ལྷ་ཁང་དུ་སྲོད་ལའང་དཔེ་ཆ་ཀློག་ཐུབ་པ་ཡོད།
ད་དུང་འདིར་ཏཱ་རཱ་སྒྲོལ་མའི་ལྷ་ཁང་ཡོད་ལ་ལྷ་ཁང་འདིར་རྡོ་ཡི་ལྷ་མོ་རང་བྱོན་གསུང་འབྱོན་བཞིན་ཞལ་ནང་དུ་བསྒྱུར་བས་ཞལ་འགྱུར་ཏཱ་རཱ་ཞེས་གྲགས་པ་དེ་དང་ཉེ་ཐོས་ཀྱི་སྟོན་པ་ཆུ་ལས་སྒྲོལ་བས་ཆུ་ཀླུང་སྒྲོལ་བས་ཧ་ཧ་ཏཱ་རཱ་ཞེས་བྱིན་རླབས་ཤིན་ཏུ་ཆེ་བ་ཡོད།
གཞུང་གཞན་ཞིག་ན་མཆོད་རྟེན་ཆེན་མོ་གན་དྷོ་ལ་རྒྱ་གར་གྱི་མཁས་པ་མཐོ་བཙུན་གྲུབ་རྗེས་བཞེངས་པ་དང་འགའ་རེ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པ་སོགས་བཤད་སྲོལ་འདྲ་མིན་ཡོད། སྔར་པ་ལི་སྐད་དོད་ལ་རྡོ་རྗེ་གདན་ལ་ཨུ་རུ་བེ་ལ་དང་ལེགས་སྦྱར་སྐད་དོད་ལ་ཨུ་རུ་བི་ཝ་ཟེར།
ག་ཡ་རི་ལི་བབས་ཚུགས་ནས་བོ་དྷ་ག་ཡ་བར་ཀི་ལོ་མི་ཊར་༡༦ ཡོད།༧.ཆུ་བོ་ནི་རཛྙ་ན།
བཅོམ་ལྡན་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རྡོ་རྗེ་གདན་གྱི་ལམ་ཟུར་བྱེ་མ་ལ་རྒྱུ་བའི་ཆུ་བོ་འདི་ནི་ཡོངས་གྲགས་ཀྱི་ཆུ་བོ་ནི་རཛྙ་ན་ཡིན་ལ།
ཆུ་འགྲམ་འདིར་བཅོམ་ལྡན་འདས་ཀྱིས་ཏིལ་གྱི་འབྲུ་རེ་གསོལ་ཏེ་ལོ་དྲུག་ལ་དཀའ་བ་སྤྱད་པའི་མཐར་ཞིང་བའི་བུ་མོ་ལེགས་སྐྱེས་མས་བ་མཆོག་སྟོང་གི་འོ་མའི་ཉིང་ཁུར་བྱས་པའི་ཞལ་ཟས་ཕུལ་བ་བཞེས་ནས་སྐུ་གསེར་མདོག་གི་ལང་ཚོ་དར་ལ་བབས་པར་གྱུར་བ་དང་།
དེ་ནས་བྲམ་ཟེའི་ཁྱེའུ་རྩྭ་འཚོང་གིས་རྩྭ་ཕུལ་བ་གདན་དུ་བྱས་ཏེ། བྱང་ཆུབ་སྙིང་པོའི་བར་དུ་མི་གྱུར་བའི་དམ་བཅའི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ་སྤྱིར་ཕྱོགས་འདིར་བཅོམ་ལྡན་འདས་ལོ་བདུན་ཙམ་བཞུགས་པར་བཤད།
གནས་མཆོག་རྡོ་རྗེ་གདན་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་དུར་ཁྲོད་བསིལ་བའི་ཚལ་ཞེས་པ་འདིར་དཔལ་ལྡན་ཤ་བ་རི་དབང་ཕྱུག་གིས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞལ་གཟིགས་བྱུང་སའི་བྲག་ཕུག་དང་ཤིང་ཙནྡན་རྐང་གཅིག་ཅེས་པ་དག་ཀྱང་མཇལ་རྒྱུ་ཡོད་ལ། དུར་ཁྲོད་བསིལ་བའི་ཚལ་དངོས་ནི་འོད་མའི་ཚལ་གྱི་གཡས་ཕྱོགས་ནག་པོ་བརྩེགས་པའི་རིའི་མདུན་ཐང་གི་ནགས་ཚལ་དེ་ཡིན། སྟོན་པ་རྒྱལ་པོའི་ཁབ་ཏུ་བྱོན་སྐབས་བསིལ་བའི་ཚལ་འདིར་ཞག་གཅིག་བཞུགས་པའི་ལོ་རྒྱུས་ཀྱང་ཡོད། རྡོ་རྗེ་གདན་ནས་ཤར་ལྷོའི་ཕྱོགས་སུ་ཀི་ལོ་མི་ཊར་དགུ་ཙམ་སོང་ན་དུརྒཱ་ཤིལ་བྱ་བ་ད་ལྟའི་དུར་ཁྲོད་བསིལ་བའི་ཚལ་དེ་ཡིན། དེང་སང་ཆུ་བོ་འདིའི་མིང་ལ་་་Niranjana
River ལི་ལཛྙན་ लीलझऩनदी དང་ ཕལྒུ་་( फãगुनदी)་་་ཟེར་གྱི་ཡོད།༨.རྩྭ་མཆོག་གྲོང་། kushinagar कुशीनगर ཀུ་ཤཱི་ན་གར།
བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཞིང་འདིའི་གདུལ་བྱ་རྫོགས་ནས་མཐར་མ་བུ་ཙུན་ད་ལས་བསོད་སྙོམས་ཀྱི་མཐའ་མ་བཞེས་ཏེ་རྩྭ་མཆོག་གྲོང་འདིར་ཕེབས། སྐུ་དངོས་ཀྱི་གདུལ་བྱའི་ལྷག་མ་ཀུན་ཏུ་རྒྱུ་རབ་བཟང་ལ་བདེན་པ་བསྟན་ཏེ་དགྲ་བཅོམ་ལ་བཀོད།
མཐར་བཅོམ་ལྡན་འདས་ཀྱིས་རང་གི་འཁོར་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་མཐོང་བ་ནི་རྙེད་པར་དཀའ་བས་ཞེས་སོགས་གསུང་གི་ཐ་མ་བསྩལ་ཏེ་དགུང་གྲངས་གྱ་གཅིག་པ་ལ་གྱལ་གྱི་ཡུལ་ཤིང་སཱ་ལ་ཟུང་གི་དབུས་འདིར་དབུ་བྱང་ཕྱོགས་སུ་འཁོར་ནས་གདུལ་བྱ་ཐུན་མོང་བའི་ངོར་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་གནས་ཁྱད་པར་ཅན་དེ་ཡིན།
མ་ཡི་མར་༼བར་མ་༽བཞེངས་པའི་གསེར་གྱི་མཆོད་རྟེན་འདིའི་ནང་རྟེན་ནི་བཅོམ་ལྡན་མྱ་ངན་ལས་འདས་པའི་སྐུ་བརྙན་ཆེན་པོ་འདི་ཉིད་ཡིན་ལ་འདི་ནས་ཤར་ཕྱོགས་སུ་ཅུང་ཙམ་ཕེབས་པའི་སར་མཆོད་རྟེན་ཞིག་པོ་ཨ་མྲའི་སྡོང་པོ་སྐྱེས་བ་ཞིག་ཡོད་པ་འདི་སྐུ་གདུང་བཞུགས་ལ་བཞུས་པའི་གནས་འཁྲུལ་མེད་ཡིན་ཞིང་།
དེང་སང་གི་མིང་ལ་རམ་བྷར་ཟེར་ཞིང་མདོ་ལས་གསུངས་པའི་གྱད་ཀྱི་དབུ་རྒྱན་བཅིང་བའི་མཆོད་རྟེན་ཞེས་པ་ཡང་འདི་ཉིད་ཡིན།
མཆོད་རྟེན་འདི་ཉིད་ཀྱི་ཤར་ཕྱོགས་སུ་ཡོད་པའི་མཆོད་རྟེན་ཆུང་ངུ་བརྒྱད་ནི་བཅོམ་ལྟན་འདས་ཀྱི་སྐུ་གདུང་བཞུས་སྐབས་ཀྱི་སྐུ་གདུང་ཆ་བརྒྱད་དུ་ཕྱེ་བའི་མཆོད་རྟེན་ཡིན།
གནམ་ཐང་ཀ་སི་ཡ་རྩྭ་མཆོག་གྲོང་ནས་ཀི་ལོ་མི་ཊར་༥ ཡོད། རི་ལི་བབས་ཚུགས་ནི་དིའོ་རི་ཡ་ནས་ཀི་ལོ་མི་ཊར་༣༥དང་། གོ་རག་པུར་ནས་ཀི་ལོ་མི་ཊར
༥༣ ཡོད། གོ་རག་པུར་ནས་ཕེབས་ན་སྟབས་བདེ་བར་ཡོད།








Comments
Post a Comment